阿拉拉姆
德勒闹吾
阿拉拉姆 歌词
གླུ་ཨ་ལ་ལ་མོ།
ཚེག། དབལ་ཤུལ་ཚེ་བརྟན་དོན་འགྲུབ།
དབྱངས་གོང་པ་བདེ་ལེགས་ནོར་བུ།
࿄࿄࿄
བོད་བསིལ་ལྡན་ཁ་བ་རི་བའི་ལྗོངས།།
སྟོད་ཡར་ན་མངའ་རིས་སྐོར་གསུམ་ཡོད།།
བར་མཐིལ་ན་དབུས་གཙང་རུ་བཞི་ཡོད།།
སྨད་མར་ན་མདོ་ཁམས་སྒང་དྲུག་ཡོད།།
གཡའ་དག་ཨ་སྔོན་དབྱིངས་ཀྱི་ཉི་མ་ཟླ་བ།།
རི་བོ་ཇོ་་མོ་གླང་མའི་དབུ་རུ་འཁོར་སོང་།
འཛམ་གླིང་ཡང་རྩེ་ཉི་མའི་གྲོང་དུ་གྱུར་ཏོ།།
སྟོང་གསུམ་མུ་མེད་དབྱིངས་ཀྱི་སྐར་ཚོགས་ཁྲ་མོ།།
ཡར་འབྲོག་གཡུ་མཚོ་སྔོན་མོའི་རུམ་དུ་ཟགས་སོང་།
སྲིད་པའི་གངས་ར་དཀར་པོ་འོད་ཀྱི་གྲོང་དུ་གྱུར་ཏོ།།
࿄࿄࿄
མཐོ་གངས་རི་ཡར་ལྷ་ཤམྦྷོའི་དབུ་རྩེའི་དར་ལྕོག་ནས།
དམའ་ཆུ་མོ་ཡར་ཀླུང་གཙང་པོའི་རབ་སོའི་པད་ཕུང་དབར།།
དུས་གནམ་ལོ་གསར་པའི་དུས་ཚོད་སྐར་མ་གཟའ་དང་ཚེས་ཆ་བཟང་པོའི་བདེ་སྐྱིད་རྫོགས་ལྡན་དཔལ་དུ་འབར།
དུས་དེ་རིང་ལོ་སར་བསུ་ཞིང་དགའ་བའི་དཔྱིད་སྟོན་ཤོམ།
དུས་དེ་རིང་ལོ་སར་བསུ་ཞིང་སྐྱིད་པའི་བྲོ་གར་འཁྲབ།།
དུས་དེ་རིང་ལོ་སར་བསུ་ཞིང་སྙན་པའི་མགུར་གླུ་ལེན།།
དུས་དེ་རིང་ལོ་སར་བསུ་ཞིང་དགེ་བའི་བཀྲ་ཤིས་བརྗོད།
ལོངས་ཤིག། འཁྲོབས་ཤིག།
དཔྱིད་དཔལ་བསུ་བའི་དགའ་སྟོན་རོལ།
གནམ་ལོ་གསར་པར་རྟན་འབྲེལ་ཞུ།
གླུ་ཨ་ལ་ལ་མོ་ལ་ཨ་ལ་ལ་མོ་ལ།
གླུ་ཐ་ལ་ལ་མོ་ལ་ཐ་ལ་ལ་མོ་ལ།
གླུ་ཨ་ལ་ལ་མོ་ལ་ཨ་ལ་ལ་མོ་ལ།
གླུ་ཐ་ལ་ལ་མོ་ལ་ཐ་ལ་ལ་མོ་ལ།
མཐོ་གངས་རི་ཡར་ལྷ་ཤམྦྷོའི་དབུ་རྩེའི་དར་ལྕོག་ནས།
དམའ་ཆུ་མོ་ཡར་ཀླུང་གཙང་པོའི་རབ་སོའི་པད་ཕུང་དབར།།
དུས་གནམ་ལོ་གསར་པའི་དུས་ཚོད་སྐར་མ་གཟའ་དང་ཚེས་ཆ་བཟང་པོའི་བདེ་སྐྱིད་རྫོགས་ལྡན་དཔལ་དུ་འབར།
དུས་དེ་རིང་ལོ་སར་བསུ་ཞིང་དགའ་བའི་དཔྱིད་སྟོན་ཤོམ།
དུས་དེ་རིང་ལོ་སར་བསུ་ཞིང་སྐྱིད་པའི་བྲོ་གར་འཁྲབ།།
དུས་དེ་རིང་ལོ་སར་བསུ་ཞིང་སྙན་པའི་མགུར་གླུ་ལེན།།
དུས་དེ་རིང་ལོ་སར་བསུ་ཞིང་དགེ་བའི་བཀྲ་ཤིས་བརྗོད།།
ལོངས་ཤིག། འཁྲོབས་ཤིག།
དཔྱིད་དཔལ་བསུ་བའི་དགའ་སྟོན་རོལ།
གནམ་ལོ་གསར་པར་རྟན་འབྲེལ་ཞུ།
གླུ་ཨ་ལ་ལ་མོ་ལ་ཨ་ལ་ལ་མོ་ལ།
གླུ་ཐ་ལ་ལ་མོ་ལ་ཐ་ལ་ལ་མོ་ལ།
࿄࿄࿄
གླུ་ཨ་ལ་ལ་མོ་ལ་ཨ་ལ་ལ་མོ་ལ།
གླུ་ཐ་ལ་ལ་མོ་ལ་ཐ་ལ་ལ་མོ་ལ།
གླུ་ཨ་ལ་ལ་མོ་ལ་ཨ་ལ་ལ་མོ་ལ།
གླུ་ཐ་ལ་ལ་མོ་ལ་ཐ་ལ་ལ་མོ་ལ།
RengTsing文化传媒