天地吉祥
德勒闹吾
天地吉祥 歌词
རྟེན་འབྲེལ་འགྲིག།
ཚིག་འབྲོང་བུ་གངས་སྐྱབས་ཚེ་རིང་།
དབྱངས་བསོད་ནམས་གྲགས་པ།
ལེན་མཁན་གོང་པ་བདེ་ལེགས་ནོར་བུ།
࿄࿄࿄
གནམ་འཁོར་ལོ་རྩེ་བརྒྱད་མར་ཞབས་ནས།
སྤྲིན་དཀར་པོའི་འདབ་མ་གྱི་ལི་ལི།
ལྷོ་གཡུ་འབྲུག་གསུང་སྐད་འུ་རུ་རུ།
ཆར་དངོས་གྲུབ་འབབ་པ་རྟེན་འབྲེལ་འགྲིག།
རྟེན་འབྲེལ་འགྲིག། རྟེན་འབྲེལ་འགྲིག།
ལྷོ་གཡུ་འབྲུག་གསུང་སྐད་འུ་རུ་རུ།
ཆར་དངོས་གྲུབ་འབབ་པ་རྟེན་འབྲེལ་འགྲིག།
ཆར་དངོས་གྲུབ་འབབ་པ་རྟེན་འབྲེལ་འགྲིག།
࿄࿄࿄
ས་དོག་མོ་པད་མ་འདབ་བརྒྱད་སྟེང་།
རྩི་མེ་ཏོག་མགོ་ལྕོག་ལྡེམ་སེ་ལྡེམ།
ཕྱུགས་བེའུ་ལུག་རྩེ་གར་ཤིག་སེ་ཤིག།
ཕྱུགས་གཡང་བཞི་འཕེལ་བའི་རྟེན་འབྲིལ་འགྲིག།
རྟེན་འབྲིལ་འགྲིག། རྟེན་འབྲིལ་འགྲིག།
ཕྱུགས་བེའུ་ལུག་རྩེ་གར་ཤིག་སེ་ཤིག།
ཕྱུགས་གཡང་བཞི་འཕེལ་བའི་རྟེན་འབྲིལ་འགྲིག།
ཕྱུགས་གཡང་བཞི་འཕེལ་བའི་རྟེན་འབྲིལ་འགྲིག།
࿄࿄࿄
བར་བཀྲ་ཤིས་རྟགས་བརྒྱད་མཁར་གྲོང་ནས།
བུ་བུ་མོ་གླུ་ཚག་ཅིག་སེ་ཅིག།
རྒན་ལོ་ལོན་འཛུམ་མདངས་ཡ་ལ་ལ།
ཡུལ་བདེ་སྐྱིད་ལྡན་པའི་རྟན་འབྲེལ་འགྲིག།
རྟན་འབྲེལ་འགྲིག། རྟན་འབྲེལ་འགྲིག།
རྒན་ལོ་ལོན་འཛུམ་མདངས་ཡ་ལ་ལ།
ཡུལ་བདེ་སྐྱིད་ལྡན་པའི་རྟན་འབྲེལ་འགྲིག།
ཡུལ་བདེ་སྐྱིད་ལྡན་པའི་རྟན་འབྲེལ་འགྲིག།
རྟན་འབྲེལ་འགྲིག། རྟན་འབྲེལ་འགྲིག།
རྒན་ལོ་ལོན་འཛུམ་མདངས་ཡ་ལ་ལ།
ཡུལ་བདེ་སྐྱིད་ལྡན་པའི་རྟན་འབྲེལ་འགྲིག།
ཡུལ་བདེ་སྐྱིད་ལྡན་པའི་རྟན་འབྲེལ་འགྲིག།
ཡུལ་བདེ་སྐྱིད་ལྡན་པའི་རྟན་འབྲེལ་འགྲིག།
RengTsing文化传媒