桑布扎
德勒闹吾
桑布扎 歌词
སམ་བྷོ་ཊ
ཚིག་་བླ་མ་བློ་བཟང་། ཕུར་བུ་རྣམ་རྒྱལ།
ལེན་མཁན་་བདེ་ལེགས་ནོར་བུ།བདེ་སྐྱིད་ཚེ་རིང་།
࿄࿄࿄
རང་གི་མི་རིགས།རང་གི་ལུང་པ།
ཕ་མེས་ཡང་མེས་ནས་ཡོང་བའི་གངས་ལྗོངས་ཕྱུགས་མོ་དུས་རྟག་ཏུ་གནས་དགོས།
རང་གི་རིག་གཞུང་།རང་གི་སྐད་ཡིག།
ཕ་མེས་ཡང་མེས་ནས་ཡོང་བའི་ཕ་ཆོས་རྣམ་ལྕགས་རལ་གྲི་དུས་རྟག་ཏུ་གནས་དགོས
གསལ་བྱེད་སུམ་ཅུ་ཡ་བཏགས་བདུན་དང་ར་བཏགས་བཅུ་གཅིག་དབྱངས་ཡིག་བཞི་ལ་སོགས་པ་འདི་ནི་
རྗེ་མཁན་ཆེ་ཐོན་མི་སམ་བྷོ་ཊ་ཡིས་རྣམ་དཔྱོད་རིག་པའི་རྩལ་བསྟོན་འབད་བརྩོན་ཆུ་བོའི་རྒྱུན་བཅངས་ནས་
རིན་ཐང་གཞལ་མེད་ཀྱི་ཡེ་གེ་བརྩམས་མཁན་སམ་བྷོ་ཊ་ལ་བཀའ་དྲིན་ཆེ་ཞུ།
ང་སྐྱེས་ས་བོད་ཡིན། ང་ཡི་ཕ་ཡུལ་བོད་ཡིན།
ང་སྐྱེས་ས་བོད་ཡིན། ང་ཡི་ཕ་ཡུལ་བོད་ཡིན།
ཕ་ཡུལ་མ་ཡུལ་ང་ལ་མ་འདྲི་རོགས།
རྩམ་པ་གཡག་ཤ་ཟ་མཁན་བོད་རིགས་སྤུན་ཟླ་གཅིག་པ་ཡིན།
ཆོལ་ཁ་ཆོས་ལུགས་ང་ལ་མ་འདྲི་རོགས།
གླིང་བཞི་བསྐོར་བའི་བོད་རིགས་སྤུན་ཟླ་གཅིག་པ་ཡིན།
རང་གི་ལུང་པ། རང་གི་གོམ་གཤིས།
རང་གི་མི་རིགས།རང་གི་རིག་གཞུང་།
ཕ་མེས་ཡང་མེས་ནས་ཡོང་བའི་གངས་ལྗོངས་ཕྱུགས་མོ་དུས་རྟག་ཏུ་གནས་དགོས་པའི་ཆེད་དུ་ཕ་ཆོས་རྣམ་ལྕགས་རལ་གྲི་དུས་རྟག་ཏུ་གནས་དགོས།
ཕ་སྐད་ཀ་ཁ་ག་ང་དུས་རྟག་ཏུ་ཤོད་ཕ་ཁྱིམ་སྦྲ་ནག་གྲུ་བཞི་དུས་རྟག་ཏུ་ཕུབ་ཕ་ཟས་སྦྲང་དཀར་རྩམ་པ་དེ་དུས་རྟག་ཏུ་ཟོ།
ཡ་་ཤ་རུས་གདུང་བརྒྱུད་གཅིག་ནས་མཆིས་པའི་ཁ་བ་བོད་རིགས་ཀྱི་སྤུན་ཟླ་ཚོ།
སྤུན་ཟླ་ཚོ་འོ
མཐའ་མ་ཤི་བའི་དུས་སུ་སླེབས་པའི་ན་ཡང་།
བོད་མའི་སེམས་ལ་གཞག་རོགས།
མཐའ་མ་ཤི་བའི་དུས་སུ་སླེབས་པའི་ན་ཡང་།
བོད་མའི་སེམས་ལ་གཞག་རོགས།
࿄࿄࿄
ག་ས་ག་ས་གང་ནས་ཡོང་བའི་ཤ་རུས་གདུང་བརྒྱུད་གཅིག་གི་སྤུན་ཟླ་མ་བརྗེད་མ་བརྗེད་ལ་རྒྱ་མ་བརྗེད།
ག་ས་ག་ས་གང་ནས་ཡོང་བའི་ཤ་རུས་གདུང་བརྒྱུད་གཅིག་གི་སྤུན་ཟླ་མ་བརྗེད་མ་བརྗེད་ལ་རྒྱ་མ་བརྗེད།
མ་བརྗེད་མ་བརྗེད་ཕ་སྐད་མ་བརྗེད།
࿄࿄࿄
ཁྱོད་དང་རང་མ་ཟེར་སྤུན་ཟླ་ཚོ་བོད་མའི་ལ་རྒྱ་སེམས་གཞག་རོགས་སྤུན་ཟླ་ཚོ།
ལས་དང་རྒྱུ་འབྲས་བརྩི་རོགས་སྤུན་ཟླ་ཚོ།
ཆོས་དང་རིག་བཞུང་ཤེས་དགོས་སྤུན་ཟླ་ཚོ།
ཁྱོད་དང་རང་མ་ཟེར་སྤུན་ཟླ་ཚོ་བོད་མའི་ལ་རྒྱ་སེམས་གཞག་རོགས་སྤུན་ཟླ་ཚོ།
ལས་དང་རྒྱུ་འབྲས་བརྩི་རོགས་སྤུན་ཟླ་ཚོ།
ཆོས་དང་རིག་བཞུང་ཤེས་དགོས་སྤུན་ཟླ་ཚོ།
ཁྱོད་དང་རང་མ་ཟེར་སྤུན་ཟླ་ཚོ་བོད་མའི་ལ་རྒྱ་སེམས་གཞག་རོགས་སྤུན་ཟླ་ཚོ།
ལས་དང་རྒྱུ་འབྲས་བརྩི་རོགས་སྤུན་ཟླ་ཚོ།
ཆོས་དང་རིག་བཞུང་ཤེས་དགོས་སྤུན་ཟླ་ཚོ།
࿄࿄࿄
སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་བ་ཏར་
རང་ལ་རང་དབང་ཡོད་པའི་སྐད་དང་ཡི་གེ་ད་ཁྱོད་ཀྱི་མ་ཤེས་ན་
བཀའ་དྲིན་ཅན་གྱི་མེས་པོའི་ཡི་དྲིན་ལན་ཇི་ལྟར་འཇལ་རྒྱུ་ཡིན་
ཞལ་ངོ་ཇི་ལྟར་ཐུགས་རྒྱུ་ཡིན།
རེད་ཡ་་་ཕ་སྐད་ཕ་ཡིག་ནི་ཕ་མས་ཡང་མས་ཀྱིས་ང་ཚོ་ལ་བཞག་པའི་
རིན་ཆེན་གསེར་ནག་ཞིག་ཡིན་
མི་རིགས་སུ་དང་སུ་ཡིན་ཕ་སྐད་དང་ཕ་ཡིག་ནི་མི་རིགས་དེའི་མཚོན་རྟགས་དང་བླ་སྲོག་ཡིན།
སྤུན་ཟླ་ཚོ་འོ
མཐའ་མ་ཤི་བའི་དུས་སུ་སླེབས་པའི་ན་ཡང་།
བོད་མའི་སེམས་ལ་གཞག་རོགས།
མཐའ་མ་ཤི་བའི་དུས་སུ་སླེབས་པའི་ན་ཡང་།
བོད་མའི་སེམས་ལ་གཞག་རོགས།
མཐའ་མ་ཤི་བའི་དུས་སུ་སླེབས་པའི་ན་ཡང་།
བོད་མའི་སེམས་ལ་གཞག་རོགས།
རང་གི་རིག་གཞུང་།རང་གི་སྐད་ཡིག།
ཕ་མེས་ཡང་མེས་ནས་ཡོང་བའི་ཕ་ཆོས་རྣམ་ལྕགས་རལ་གྲི་དུས་རྟག་ཏུ་གནས་དགོས
རང་གི་རིག་གཞུང་།རང་གི་སྐད་ཡིག།
ཕ་མེས་ཡང་མེས་ནས་ཡོང་བའི་ཕ་ཆོས་རྣམ་ལྕགས་རལ་གྲི་དུས་རྟག་ཏུ་གནས་དགོས
གསལ་བྱེད་སུམ་ཅུ་ཡ་བཏགས་བདུན་དང་ར་བཏགས་བཅུ་གཅིག་དབྱངས་ཡིག་བཞི་ལ་སོགས་པ་འདི་ནི་རྗེ་མཁན་ཆེ་ཐོན་མི་སམ་བྷོ་ཊ་ཡིས་རྣམ་དཔྱོད་རིག་པའི་རྩལ་བསྟོན་འབད་བརྩོན་ཆུ་བོའི་རྒྱུན་བཅངས་ནས་རིན་ཐང་གཞལ་མེད་ཀྱི་ཡེ་གེ་བརྩམས་མཁན་སམ་བྷོ་ཊ་ལ་བཀའ་དྲིན་ཆེ་ཞུ།