這就是寶
德勒鬧吾
這就是寶 歌詞
ནོར་བུ་རེད།
ཚེག་ ཉི་མ་ཚེ་རིང་།
དབྱངས་ ཆོས་དར།
གླུ་བ་གོང་པ་བདེ་ལེགས་ནོར་བུ།
࿄࿄࿄
ལྷོ་འཛམ་བུ་གླིང་གི་རྩེ་མོའི་རྒྱན།
བོད་ཁ་བ་ཅན་གྱི་ཡུལ་ལྗོངས་རེད།
མཆོག་བརྗིད་ལྡན ་ཕོ་བྲང་པོ་ཏ་ལ།
སྔར་མེས་པོས་བཞག་པའི་ནོར་བུ་རེད།
ཡུལ་ཕུན་ཚོགས་འགྲོ་བ་མི་ཡི་རྒྱན།
ཆོས་བྱམས་ལྡན་གངས་ཅན་བོད་པ་ཡིན
བྱམས་སྙིང་རྗེ་དྲང་བདེན་སྙིང་གི་རུས།
བཟང་རང་གཤིས་ཁོག་གི་ནོར ་བུ་རེད།
བཟང་རང་གཤིས་ཁོག་གི་ནོར་བུ་རེད།
࿄࿄࿄
གྲོགས་སྣ་ཚོགས་ཕན་ཚུན་འགྲོགས་པའི་རྒྱན།
རོགས་སྤུན་ཟླ་གཉིས་པོའི་བརྩེ་བ་ཡིན།
ལས་ཅི་བསྐོས་འགྱུར་མེད་མཛའ་བའི་གཤིས།
རོགས་དམ་ཚིག་ཅན་གྱི་ ནོར་བུ་རེད།
རོགས་དམ་ཚིག་ཅན་གྱི་ནོར་བུ་རེད།
ལས་ཅི་བསྐོས་འགྱུར་མེད་མཛའ་བའི་གཤིས།
རོགས་དམ ་ཚིག་ཅན་གྱི་ནོར་བུ་རེད།
རོགས་དམ་ཚིག་ཅན་གྱི་ནོར་བུ་རེད།
RengTsing文化傳媒