卡瓦
蒲巴甲
卡瓦 歌詞
蒲巴甲-卡瓦
詞:蒲巴甲
曲:蒲巴甲
器樂演奏:根秋
ཁ་བ་མར་མར་འབབ་དུས།།
ང་ཡི་མཐོང་ལམ ་བཀག་བྱུང་།།
དྲིན་ཆེན་ཕ་མ་གཉིས་ལ།།
དྲན་པའི་ཚིག་གསུམ་བསྐུར་ཡོད།།
ྲིན་ཆེན་ཕ་མ་ གཉིས་ལ།།
དྲན་པའི་ཚིག་གསུམ་བསྐུར་ཡོད།།
ཆར་བ་ཤག་ཤག་འབབ་དུས།།
ང་ཡི་འགྲོ་ལམ་བཀག་ བྱུང་།།
བརྩེ་ལྡན་གྲོགས་པོ་ཁྱོད་ལ།།
སྙན་པའི་གཞས་ཤིག་བསྐུར་ཡོད།།
བརྩེ་ལྡན་གྲོགས་པོ་ཁྱོད་ལ །།
སྙན་པའི་གཞས་ཤིག་བསྐུར་ཡོད།།
དགུན་གྱི་དུས་ཚིགས་ཕེབས་བྱུང་།།
ཁྲུང་ཁྲུང་ལྷོ་ལ་འཕུར་སོང་ །།
ང་ཡི་ཆུང་འདྲིས་བྱམས་པ།།
རྒྱང་རིང་ཕྱོགས་སུ་བཞུད་སོང་།།
ང་ཡི་ཆུང་འདྲིས་བྱམས་པ། །
རྒྱང་རིང་ཕྱོགས་སུ་བཞུད་སོང་།།
མཇལ་རྒྱུ་བྱུང་ན་བསམ་བྱུང་།།
འཛོམས་རྒྱུ་བྱུང་ན་བསམ་བྱུང་ །།
དགའ་འཛོམས་བྱུང་བའི་དུས་སུ།།
རང་རང་སྙིང་གཏམ་གླེང་ཆོག།
དགའ་འཛོམས་བྱུང་བའི་དུས་སུ།།
རང་རང་སྙིང་གཏམ་གླེང་ཆོག།།
དགའ་འཛོམས་བྱུང་བའི་དུས་སུ།།
རང་རང་སྙིང་གཏམ་གླེང་ཆོག།།