七彩邦典 -པང་གདན།
白玛旦增
七彩邦典 -པང་གདན། 歌词
七彩邦典
词曲唱:白玛旦增
录混:忠贵文化~小多
编曲:忠贵文化~桑珠
和声:小宝
旁白:格桑措姆
西藏忠贵文化传媒制作
པང་གདན།
ཚིག་གདངས་ལེན་མཁན། པདྨ་བསྟན་འཛིན།
གོང་དཀར་གྱི་ནམ་མཁའི་སྟེང་ལ་གཟིགས་དང་།
ཚོན་སྣ་ལྔའི་འཇའ་ཚོན་བཞད་ཞག
དེ་འཇའ་ཚོན་མ་རེད་ཞུས་པས།
དེ་ནི་པང་གདན་རེད།
གོང་དཀར་གྱི་ས་གཞི་མར་ལ་གཟིགས་དང་།
ཁྲ་ཆིལ་གྱི་མེ་ཏོག་བཞད་ཞག
དེ་མེ་ཏོག་མ་རེད་ཞུས་པས།
དེ་ནི་པང་གདན་རེད།
པང་གདན་ནམ་མཁའི་འཇའ་ཚོན།
ཁྱེད་ལས་མཛེས་པ།
ཁྱེད་ལས་མཚར་བ།
ང་ཚོ་བོད་ཀྱི་བུ་མོའི་རྒྱན་ཆ་རེད།
པང་གདན་ས་གཞིའི་མེ་ཏོག
ཁྱེད་ལས་མཛེས་པ།
ཁྱེད་ལས་མཚར་བ།
མཛེས་པའི་གོང་དཀར་ཡུལ་གྱི་རྒྱན་ཆ་རེད།
མཛེས་པའི་འཇའ་ཚོན་ལྷ་མོར།
ངོ་མཚར་བུ་མོ་ཞིག་འཁྲུངས་ཞག
བུ་མོ་དེ་ཡི་མིང་ལ་གོང་དཀར་གྱི་པང་གདན།
ཁོང་གི་ཞལ་རས་མཛེས་པ།
ཁོང་གི་རྣམ་འགྱུར་ཡག་པ།
ཁོང་མཇལ་བའི་དུས་ལ་གླུ་ཞིག་ལེན་ཡོད།
ཕ་རིའི་སྤང་གི་སྟེང་གི་ཨ་ཅེའི་པང་གདན་ལུས་ཞག
པང་གདན་ལུས་ཀྱང་དྲགས་པ། སང་ཞོགས་ལྕེ་བདེ་ཞོལ་ནས་ཉོས་ཆོག
གོང་དཀར་གྱི་ཁྲོམ་གཞུང་སྟེང་ལ་གཟིགས་དང་།
སྨན་བུ་མོ་དེ་འདྲིའི་མཛེས་པ།
བུ་མོས་བཏགས་པའི་པང་གདན།
ནམ་མཁའི་འཇའ་ཚོན་ལས་མཛེས་པ།
གོང་དཀར་གྱི་གནམ་གྲུའི་ཐང་ལ་གཟིགས་དང་།
མི་ཚོགས་དེ་འདྲའི་མང་བ།
གོང་དཀར་པང་གདན་གྱི་སྐད་གྲགས།
རྒྱལ་ཕྱི་རྒྱལ་ནང་ལ་ཁྱབ་སོང་།
པང་གདན་ནམ་མཁའི་འཇའ་ཚོན།
ཁྱེད་ལས་མཛེས་པ།
ཁྱེད་ལས་མཚར་བ།
ང་ཚོ་བོད་ཀྱི་བུ་མོའི་རྒྱན་ཆ་རེད།
པང་གདན་ས་གཞིའི་མེ་ཏོག
ཁྱེད་ལས་མཛེས་པ།
ཁྱེད་ལས་མཚར་བ།
མཛེས་པའི་གོང་དཀར་ཡུལ་གྱི་རྒྱན་ཆ་རེད།
དེ་རྒྱན་ཆ་རེད། རྒྱན་ཆ་རེད།
མཛེས་པའི་གོང་དཀར་ཡུལ་ལ་མེ་ཏོག་བཞད་ཞག
པང་གདན་མེ་ཏོག་བཞད་ཞད།
དེ་ལས་མཚར།
མཛེས་པའི་གོང་དཀར་ཡུལ་ལ་འཇའ་ཚོན་ཤར་ཞག
པང་གདན་འཇའ་རིས་ཤིག་ཤིག
འཇའ་ལས་མཚར།