ཨུཏྤལ་སྔོན་མོའི་སྐེ་རྒྱན། 蓝莲花
德吉老爷
ཨུཏྤལ་སྔོན་མོའི་སྐེ་རྒྱན། 蓝莲花 歌词
ཨུཏྤལ་སྔོན་མོའི་སྐེ་རྒྱན།
编织的蓝莲花
ཚིག་གངས་དཔལ་གྱིས་བརྩམས།
作词:岗华
དབྱངས་མགར་བསམ་འགྲུབ་ཚེ་རིང་གིས་བརྩམས།
作曲:三智才让
ལོ་ཙཱ་བ།སྤུར་སྲས།
译员 :贝尔斯
གཞས་མཁན། བདེ་སྐྱིད་ཚེ་རིང་།
演唱:德吉才仁
སྐྱེས་མའི་སྐད་ཀྱི་མཉམ་སྡེབས། པད་མཚོ།
伴唱 :班措
༡
ངས་ཁུ་བྱུག་སྔོན་མོའི་སྐད་ལ་ཉན་ན།
我听着杜鹃鸟的啼鸣
གསུང་སྐད་ཞེ་འདང་ལ་བཀུག་འདུག
作为炽热感情悠扬的旋律
ངས་རྫ་བྱ་གོང་མོའི་སྐད་ལ་ཉན་ན།
我又闻着雪鸡的叫声
གསུང་སྐད་སྨྲེང་བ་ལ་བཀུག་འདུག
作为无边思念婉转的曲调
རྒྱ་རྫོང་ནགས་ལ་དྲན་པ་བཤད་ཡོང་ན།
对着参天古木诉说着心声
ལྕང་མ་རློན་པས་མདུད་པ་བརྒྱབ་ཡོང་གི
湿漉的树根盘旋又缠绕
ནང་ལ་ཆུང་རྩེད། ཆུང་རྩེད་རོགས།
囊啦琼泽 琼泽柔
རྒྱ་རྫོང་ནགས་ལ་དྲན་པ་བཤད་ཡོང་ན།
对着参天古木诉说着心声
ལྕང་མ་རློན་པས་མདུད་པ་བརྒྱབ་ཡོང་གི
湿漉的树根盘旋又缠绕
ནང་ལ་ཆུང་རྩེད། ཆུང་རྩེད་རོགས།
囊啦琼泽 琼啧柔
༢
ངས་ཁྱེད་རང་ཁོ་ན་ཞེ་ལ་བསྒོམ་པ།
只把你一人怀揣在心中
ཞལ་རས་དཀར་གསལ་གྱི་ཟླ་བ།
美丽容颜带着月亮的清秀
ངས་ཁྱེད་ཀྱི་སྙིང་གཏམ་སེམས་ལ་སྦས་པས།
只把你的渴望埋藏在心底
རྨི་ལམ་སྐར་མ་ཡི་མེ་ཏོག
总是幻想着星辰和大海
སྤྲིན་གྱི་སྡིངས་ལ་དྲན་པ་ཞུས་ཡོང་ན།
向着白云寄托着美好的牵挂
ནམ་མཁའ་སྔོན་པོ་ཆར་གྱིས་ངུས་ཡོང་གི
湛蓝的天空也不时伤感的哭泣
ནང་ལ་ཆུང་རྩེད། ཆུང་རྩེད་རོགས།
囊啦琼泽 琼啧柔
སྤྲིན་གྱི་སྡིངས་ལ་དྲན་པ་ཞུས་ཡོང་ན།
向着白云寄托着美好的牵挂
ནམ་མཁའ་སྔོན་པོ་ཆར་གྱིས་ངུས་ཡོང་གི
湛蓝的天空也不时伤感的哭泣
ནང་ལ་ཆུང་རྩེད། ཆུང་རྩེད་རོགས།
囊啦琼泽 琼啧柔
༣
ལོ་ད་ལོའི་དབྱར་ཟླ་འགོ་མ་ཚེས་ན།
今年初夏的期待
རྨ་བྱ་ཁ་འབབ་ཀྱི་འགྲམ་དུ།
相约在孔雀河畔
ཆར་བསིལ་མ་ལྟ་བུའི་སྙིང་གཏམ་ཁྱོད་བཤད།
细水长流的日子与你共享
གཞོན་ཆུང་སྣང་བ་ཡི་ལྷ་མོ།
少年心中的白月光
གཡར་མོ་ཐང་པས་དབུ་རྒྱན་བསླ་ཁྱོད་སྟེར།
为你交织报春花的头饰
ཨུཏྤལ་སྔོན་མོས་སྐེ་རྒྱན་བསླ་ཁྱོད་སྟེར།
为你编织蓝莲花的项链
ནང་ལ་ཆུང་རྩེད། ཆུང་རྩེད་རོགས།
囊啦琼泽 琼啧柔
གཡར་མོ་ཐང་པས་དབུ་རྒྱན་བསླ་ཁྱོད་སྟེར།
为你交织报春花的头饰
ཨུཏྤལ་སྔོན་མོས་སྐེ་རྒྱན་བསླ་ཁྱོད་སྟེར།
为你编织蓝莲花的项链
ནང་ལ་ཆུང་རྩེད། ཆུང་རྩེད་རོགས།